语文人教版二年级上册13 坐井观天
加入VIP免费下载

语文人教版二年级上册13 坐井观天

ID:827348

大小:15.51 KB

页数:7页

时间:2022-02-23

加入VIP免费下载
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天资源网负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。
网站客服:403074932
资料简介
ཧོལ་ཁྰ་སློབ་གྲྭའི་བོད་ཡིག་སློབ་ཁྲིད་གྲ་སྒྲིགཁྲིད་བྱང་། སློབ་ཚན་ཉི་ཤུ་བ།མཐོང་རྒྱ།ཁྲིད་ཡུན།༣སློབ་ཁྲིད་སྤྱིའི་དམིགས་ཚད། ༡.སྒྲ་དག་ཅིང་གཅོད་མཚམས་འགྲིག་པའི་སྒོ་ནས་སློབ་ཚན་ཀློག་ཐུབ་དགོས་པ་དང་།སློབ་ཚན་བློར་འཛིན་དགོས།སློབ་ཚན་ནང་གི་ཐ་སྙད་དང་ཚིག་གི་དོན་རྟོགས་པའི་རྨང་གཞིའི་སྟེང་སློབ་ཚན་སྤྱིའི་བརྗོད་དོན་རྟོགས་རྒྱུ་ནི་གཙོ་གནད་ཡིན།གཙོ་གནད་དང་དཀའ་གནད།༢.མཐོང་རྒྱ་དང་ཐོས་རྒྱ་ཆེན་པོ་ལྡན་དགོས་པའི་གནས་ལུགས་རྟོགས་སུ་བཅུག་ནས།ཤེས་རྒྱ་དང་མཐོང་རྒྱ་བསྐྱེད་པར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ནི་དཀའ་གནད་ཡིན།ཐུན་དང་པོ།སློབ་ཁྲིད་ཀྱི་བརྒྱུད་རིམ།གཅིགསྔོན་འགྲོའི་ཚད་འཇལ།དྲི་བར་ལན་འདེབས་པ།དགེསློབ་ཚན་གྱི་ཁ་བྱང《མཐོང་རྒྱ》ཞེས་པའི་དོན་ཅི།སློབ།ལ་ལས་མི་ཤེས།ལ་ལས་མིག་གིས་མཐོང་བ་ལ་གོ་དགོས་ཟེར།དགེལན་ཐོབ་མཁན་ལ་གཟེངས་བསྟོད་དང་།དེ་མིན་དག་སེལ་བྱེད་པ།★མཐོང་རྒྱ་ཞེས་པ་ནི་མིག་གིས་སྣང་ཚུལ་མང་པོ་མཐོང་བ་ལ་ཟེར།མཐོང་རྒྱ་ལ་ཆེ་ཆུང་གཉིས་ཡོད་དེ་ཡངས་པའི་རྒྱལ་ཁམས་ཆེན་པོ་མཐོང་བ་ལ་མཐོང་རྒྱ་ཆེ་བ་དང་།མིག་གིས་སྣང་ཚུལ་མང་པོ་མ་མཐོང་བ་ལ་མཐོང་རྒྱ་ཆུང་བ་ཟེར།གཉིས་པ།དམིགས་ཚད་གཏན་འཁེལ།སློབ་ཚན་ནང་གི་ཐ་སྙད་གསར་བ་དག་གི་འབྲི་ཀློག་དོན་གསུམ་དང་བཀོལ་སྤྱོད་ཤེས་རྒྱུ་ནི་གཙོ་གནད་ཡིན།གསུམ་པ།ཚད་ཐོན་སློབ་སྟོན།༡.འཆར་ཟིནཁ་གསབ། སློབ་ཁྲིད་ཀྱི་བརྒྱུད་རིམ།སློབ་ཚན་སྒྲ་དག་ཅིང་ཚིག་གི་གཅོད་མཚམས་འགྲིག་པའི་སྒོ་ནས་ཐེངས་གཅིག་ཀློག་རྗེས་དོན་མི་གོ་བའི་ཐ་སྙད་དག་ལ་རྟགས་འགོད་པ།༢.ཐ་སྙད་གསར་བའི་འབྲི་ཀློག་ཁྲིད་པ།༣.ཐ་སྙད་དག་ལ་འགྲེལ་བཤད་བྱེད་པ་དང་མཉམ་དུ་ཚིག་གྲུབ་བཟོ་བ།★ཐ་སྙད་གསར་བ།རྒྱལ་ཁམས།ས་མཐའ།བླུན་པོ།རང་མཐོང་།★ཐ་སྙད་འགྲེལ་བཤད།རྒྱལ་ཁམས་ནི་ཡུལ་གྲུ་ཆེན་པོའི་མིང་།དཔེར་ན།རྒྱལ་ཁམས་ཉུལ་བའི་མི་ལ་ཐོས་རྒྱ་དང་མཐོང་རྒྱ་ཆེ།དཔེར་ན།རྒྱལ་ཁམས་ཉུལ་བའི་མི་ལ་ཐོས་རྒྱ་དང་མཐོང་རྒྱ་ཆེ།ས་མཐའ་ནི་གཞན་ཡུལ།དཔེར་ན།ཨ་ཁུ་རྡོ་རྗེས་ས་མཐའ་འགྲིམས་ནས་ད་ལྟའི་བར་དུ་ཕྱིར་མ་ཡོང་།བླུན་པོ་ནི་ལེགས་ཉེས་ཀྱི་དབྱེ་བ་འབྱེད་མི་ཤེས་པའི་མི་ལ་གོདཔེར་ན།མི་ལ་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན།དཔེར་ན།མི་ལ་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན།རང་མཐོང་ནི་རང་གི་ལྟ་བ་ལ་བརྩི་མཐོང་བྱེད་པའི་དོན།དཔེར་ན།རང་མཐོང་ཆེ་བའི་མི་ཞིག་བྱེད་མི་རུང་།བཞི།ཚད་ཐོན་ཚད་འཇལ།★༡.གཤམ་གྱི་ཡི་གེ་བསྡུར་ནས་ཚིག་གྲོགས་སྦྱོར་དགོས།ཡང()ཁམ()ཡངས()ཁམས()༢.སློབ་གྲོགས་རྣམས་ཀྱིས་ངག་ཐོག་ནས་གཤམ་གྱི་ཐ་སྙད་བཀོལ་ནས་སྐད་ཆ་ཐུང་ངུ་རེ་བཤད་དགོས།དཔེར་ན།ངའི་ཨ་ཕས་རྒྱལ་ཁམས་འགྲིམས།ས་མཐའ།དཔེར་ན།ས་མཐའ་འཁྱམས་པའི་ཁྱི་སྡོམ།བློན་པོ།དཔེར་ན། བཀྲ་ཤིས་ནི་མི་བླུན་པོ་ཞིག་རེད།རང་མཐོང་།དཔེར་ན།བཀྲ་ཤིས་ནི་མི་བླུན་པོ་ཞིག་རེད།ལྔ།ལས་བྱ།ཐ་སྙད་གསར་བ་དག་ཐེངས་གསུམ་ལ་འབྲི་ཀློག་བྱ་དགོས་པ་མ་ཟད།དེ་དག་ལ་ཚིག་རེ་སྒྲིག་དགོས།རྒྱལ་ཁམས།ས་མཐའ།བླུན་པོ།རང་མཐོང་།ཐུན་གཉིས་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།སློབ་ཁྲིད་ཀྱི་བརྒྱུད་རིམ།གཅིགསྔོན་འགྲོའི་ཚད་འཇལ།དྲི་བར་ལན་འདེབས་པ།དགེསློབ་བུ་ཚོས་རུས་སྦལ་མཐོང་མྱོང་ངམ།དེ་གང་དུ་འཚོ་སྡོད་བྱེད་པ་ཡིན།སློབ།ང་ཚོས་བརྙན་འཕྲིན་ནང་དུ་མཐོང་མྱོང་།ཆུ་ནང་དུ་འཚོ་སྡོད་བྱེད་པ་ཡིན།དགེསློབ་བུ་ཚོས་ཆུ་ནང་དུ་འཚོ་བའི་སྲོག་ཆགས་གང་དག་མཐོང་མྱོང་ངམ།སློབ།ཆུ་ནང་དུ་འཚོ་བའི་སྲོག་ཆགས་ནི་ལྕོང་མོ།ཉ།སྦལ་བ།རུས་སྦལ།ཆུ་སྲིན་སོགས་ཡོད།དགེབཟང་གིཁྱོད་ཚོས་རང་ཁྱིམ་དུ་བརྙན་འཕྲིན་ནང་གི་སྲོག་ཆགས་ཀྱི་འཇིག་རྟེན་ལ་ལྟོས་དང་ད་དུང་ཆུ་ནང་དུ་འཚོ་བའི་སྲོག་ཆགས་ཧ་ཅང་མང་པོ་ཡོད།གཉིས་པ།དམིགས་ཚད་གཏན་འཁེལ།༡.སློབ་ཚན་གྱེར་ཀློག་ཐུབ་པ་བརྒྱུད་ནས་ཐ་སྙད་དང་ཚིག་གི་དོན་རྟགས་པའི་རྨང་གཞིའི་སྟེང་བརྗོད་དོན་རྟོགས་རྒྱུ་ནི་གཙོ་གནད་ཡིན༢.མི་ལ་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན་པས།ཧུར་བརྩོན་གྱིས་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན་པས།ཧུར་བརྩོན་གྱིས་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་དགོས་པའི་གནས་ལུགས་རྟོགས་སུ་འཇུག་རྒྱུ་ནི་དཀའ་གནད་ཡིན།གསུམ་པ།ཚད་ཐོན་སློབ་སྟོན།༡.སློབ་ཚན་ཀློག་ཚུལ།ཚིག་གི་གཅོད་མཚམས་དང་གདངས་ཀྱི་མཐོ་དམའ།སྒྲ་དག་ཅིང་འབྲུ་གསལ་བ་གནད་དུ་བཟུང་ནས་ཀློག་དགོས།༢.གཏམ་རྒྱུད་ལ་སྦྱར་ནས་སློབ་ཚན་གྱི་ནང་དོན་བཤད་རྗེས་བརྗོད་དོན་རྟོགས་པར་བྱེད་པ།གཏམ་རྒྱུད།རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་དབང་གི《ཀུན་བཟང་བླ་མའི་ཞལ་ལུང》དུ་བཀོད་པ་ནི།སྔོན་ཁྲོན་པ་ཞིག་ན་སྦལ་བ་རྒན་པོ་ཞིག་རྟག་པར་སྡོད་པའི་དྲུང་དུ་རྒྱ་མཚོ་ཆེན་པོ་ནས་སྦལ་བ་ཞིག་འོང་བ་ལ།ཁྲོན་པའི་སྦལ་བ་དེས་ཁྱོད་གང་ནས་འོང་ཞེས་དྲིས།སྦལ་བ་དེའི་ང་རྒྱ་མཚོ་ཆེན་པོ་ནས་འོང་ཟེར།ཁྱོད་ཀྱི་རྒྱ་མཚོ་དེ་ཅི་ཙམ་ཡོད་ཅེས་དྲིས་པས།རྒྱ་མཚོ་དེ་ཤིན་ཏུ་ཆེ་ཟེར།འོ་ན་ངའི་ཁྲོན་པ་འདིའི་བཞི་ཆའི་ཅི་ཙམ་ཡོད་དམ།མི་ཚད་དོ།འོ་ན་ཕྱེད་ཙམ་མམ།མི་ཚད།འོ་ན་ཁྲོན་པ་འདི་ཙམ་ཡོད་དམ།མི་ཚད་ཟེར་བས།དེ་འདྲ་ཡོད་ཐབས་མེད་པས།དེར་བལྟ་དགོས་ཟེར་ནས་གཉིས་ཀ་འགྲོགས་ཏེ་ཕྱིན་པས།རྒྱ་མཚོ་མཐོང་བ་ན་ཁྲོན་པའི་སྦལ་བ་བརྒྱལ་ནས་མགོ་གས་ཏེ་ཤི་བའོ།།ནང་དོན་བཤད་པ།འཆར་ཟིནཁ་གསབ། དགེསློབ་མས་གོ་སླ་བ་དང་ཡུན་རིང་དུ་སེམས་ལ་འཇགས་ཐུབ་པའི་ཆེད་དུ།དགེ་རྒན་གྱིས་གཏམ་རྒྱུད་ལ་སྦྱར་ནས་ཁྲིད་རྒྱུ་སྟེ།འདིའི་གཏམ་རྒྱུད་ཀྱི་ནང་དོན་ནི་བསླབས་ཟིན་པའི《ཁྲོན་པའི་ནང་གི་སྦལ་བ》ཞེས་པའི་ནང་དོན་དང་ཕལ་ཆེར་མཚུངས་པས།སློབ་མར་ཕྱིར་དྲན་བྱེད་དུ་བཅུག་ནས་གཏམ་རྒྱུད་དེ་བཤད་དུ་འཇུག་པ།གཏམ་རྒྱུད་འདིའི་ནང་དོན་རྟོགས་ཚེ་ལེགས་བཤད་ཀྱི་ནང་དོན་སློབ་མས་ཤེས་སླ་བ་ཡིན་ནོ།སློབ་ཚན་ཀློག་སྟངས།མཐོང་རྒྱ།ཡངས་པའི/རྒྱལ་ཁམས་/མ་མཐོང་/བ།།ས་མཐའི/བླུན་པོ/་རང་མཐོང་/ཆེ།།ཁྲོན་པའི/་ཆུ་ལ་/འགྱིང་བ/་ཡི།།རུས་སྦལ་/རྒྱ་མཚོའི་/གཏམ་གྱིས་/ཤི།།★སློབ་ཚན་གྱི་ནང་དོན(འགྲེལ)ཡངས་པའི་རྒྱལ་ཁམས་མ་མཐོང་བ།།ས་མཐའི་བླུན་པོ་རང་མཐོ་ཆེ།།ཞེས་པའི་དོན་ནི།ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁམས་ཆེན་པོ་མ་བསྐོར་ཞིང་།མིག་གིས་སྣང་ཚུལ་མང་པོ་མ་མཐོང་ལ།རྣ་བས་ཀྱང་ཐོས་པར་མ་གྱུར་པའི་ས་མཐའ་ན་གནས་པའི་མི་དེ་ནི་ཅི་ཡང་མི་ཤེས་པའི་བླུན་པོ་རང་དུ་འདུག་བཞིན་དུ།ད་དུང་རང་གི་མཐོང་ཐོས་བཤད་པའམ།དེ་ཡང་དག་པར་འཛིན་པར་དགའ་བ་ཆེ་ཞེས་པའོ།།ཁྲོན་པའི་ཆུ་ལ་འགྱིང་བ་ཡི།།རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི།།ཞེས་པའི་དོན་ནི།ཁྲོན་པའི་ཆུ་ལ་ང་རྒྱལ་དང་བཅས་ཏེ་གནས་པའི་རུས་སྦལ་གྱིས་ཕྱི་རོལ་ན།ད་དུང་རང་ཤོང་ཁྲོན་པ་ལས་ལྡབ་ཕྱེ་བ་ཕྲག་བརྒྱ་ལས་ཀྱང་ཆེ་བའི་རྒྱ་མཚོ་ཆེན་པོ་བྱ་བ་ཞིག་ཡོད་པའི་གཏམ་དེ་ཐོས་རྗེས།ཧ་ལས་ཤིང་སྙིང་རླུང་སྟོད་ལ་འཚང་ནས་ཤི་བར་གྱུར་ཞེས་པའོ།།★བསྟན་བྱའི་གནས་ལུགས།(བརྗོད་བྱའི་སྙིང་བོ) སློབ་ཚན་འདིའི་ནང་དུ《རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི》ཞེས་པའི་གཏམ་རྒྱུད་ལ་སྦྱར་ནས།མི་ལ་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན་པས།ཧུར་བརྩོན་གྱིས་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་དགོས་པའི་གནས་ལུགས་བསྟན་ཡོད།བཞི།ཚད་ཐོན་ཚད་འཇལ།དྲི་བར་ལན་འདེབས་པ།དགེ《རུས་སྦལ་རྒྱ་མཚོ་གཏམ་གྱིས་ཤི》ཞེས་པའི་གཏམ་རྒྱུད་དེ་གཞན་ལ་བཤད་ཤེས་རྒྱུ།སློབ།གཏམ་རྒྱུད་ཆ་ཚང་ཞིང་གོ་རིམ་ལྡན་པའི་སྒོ་ནས་གཞན་ལ་ཤེས་པ།དགེསློབ་ཚན་འདིའི་ང་ཚོར་གནས་ལུགས་ཅི་ཞིག་བསྟན་ཡོད།སློབ།ལན།མི་ལ་ཤེས་རྒྱ་དང་མཐོང་རྒྱ་མེད་ན་བླུན་པོ་ཡིན་པས།ཧུར་བརྩོན་གྱིས་ཤེས་རྒྱ་དང་མཐོང་རྒྱ་ཇེ་ཆེར་གཏོང་དགོས་པའི་གནས་ལུགས་བསྟན་ཡོད།ལྔ།ལས་བྱ།༡.སློབ་ཚན་འདིའི་ནང་དུ་ང་ཚོར་གནས་ལུགས་ཅི་ཞིག་བཤད་ཡོད།༢.སློབ་ཚན་འདི་ཡིག་གཟུགས་ལེགས་པོས་ཐེངས་གཅིག་ལ་བཤུ་འབྲི་བྱེད་པ།མཐོང་རྒྱ།ཡངས་པའི་རྒྱལ་ཁམས་མ་མཐོང་བ།།ས་མཐའི་བླུན་པོ་རང་མཐོང་ཆེ།།ཁྲོན་པའི་ཆུ་ལ་འགྱིང་བ་ཡི།།རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི།། ཐུན་གསུམ་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།གཅིགསྔོན་འགྲོའི་ཚད་འཇལ།གཉིས་པ།དམིགས་ཚད་གཏན་འཁེལ།གསུམ་པ།ཚད་ཐོན་སློབ་སྟོན།བཞི།ཚད་ཐོན་ཚད་འཇལ།ལྔ།ལས་བའཆར་ཟིན་ཁ་གསབ།ཁྲིད་རྗེས་ཀྱི་ཟིན་ཐོ།

10000+的老师在这里下载备课资料